༄༅།། ༧ རྒྱལ་བ་ཀརྨ་པ་སྐུ་ཕྲེང་༡༧ མཆོག་གི་འཁྲུངས་སྐར་བཀྲ་ཤིས་སྨོན་ཚིག།
༄༅།། དུས་གསུམ་མཁྱེན་ཅིང་འགྲོ་ལ་ཐུགས་བརྩེས་གཟིགས།།ཨོ་རྒྱན་འགྲོ་འདུལ་འཛམ་བུ་གླིང་དུ་བྱོན།།ཕྲིན་ལས་ཕྱོགས་ཀུན་མཛད་པའི་མཐུ་སྟོབས་དབང་།།མི་འཇིག་རྡོ་རྗེའི་ཁྲི་ལ་བརྟན་བཞུགས་གསོལ།།
བརྗིད་ཆགས་ལྷུན་སྟུག་རི་བོ་མཐོ་ཞིང་མཛེས།།སྔོ་ལྗང་ལོ་འདབ་ནགས་ཁྲོད་རི་རབ་སྟེང་།།གཡུ་ཡི་ས་གཞིར་ལྷུན་བརྩེགས་ཕོ་བྲང་ནང་།།༧ རྒྱལ་བ་ཀརྨ་པ་ཞེས་གྲགས་པའི་དཔལ།།མངོན་སུམ་ལྷམ་མེ་ལྷང་ནེར་བཞུགས་སུ་གསོལ།།
མཐོང་ན་མི་མཐུན་མེད་པའི་སྐུ་ཆེ་བ།།
ཐོས་ན་དགའ་བ་དྲུག་ཅུའི་གསུངས་དབྱངས་མཚངས།།དྲན་པས་སྲིད་ཞིའི་འཇིགས་ལས་སྐྱོབ་མཛད་ཐུགས།།ཨོ་རྒྱན་ཕྲིན་ལས་རྡོ་རྗེ་རྒྱལ་གྱུར་ཅིག།
བཀའ་བརྒྱུད་གསེར་འཕྲེང་ཚར་དུ་མངར་བའི་བང་།།ལེགས་པའི་བསྒྲིགས་པའི་རྟེན་འབྱུང་ལས་སྨོན་མཐུ།།བྱིན་རླབས་རྨི་ལམ་རྟེན་འབྲེལ་ཚད་མའི་རྟགས།།མྱུར་དུ་འཆར་ནས་འཛམ་གླིང་ཞིང་ས་རུ།།བསྟན་འགྲོ་དོན་ཆེན་རླབས་ཆེན་འགྲུབ་འགྱུར་ཅིག།
གཅིག་ཏུ་སངས་རྒྱས་བསྟན་པ་དར་ཞིང་རྒྱས།།གཉིས་སུ་བོད་ཁམས་རང་དབང་བདེ་ལ་བཀོད།།གསུམ་ནས་འཛམ་གླིང་ཞི་བདེ་སྣེ་འཁྲིད་མཛད།།
ཨོ་རྒྱན་ཕྲིན་ལས་ཕྱོགས་ལས་རྣམ་རྒྱལ་ཤོག། །།
ཅེས་༧ དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་མཆོག་གུང་གྲངས་ ༤༡ ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོར་གང་གི་ཆིབས་ཞབས་ཁ་ལོ་བ་ཚེ་དབང་ལགས་ནས་འཚམས་འདྲི་བཏང་གནང་བར་བཅོས་མིན་དགའ་སྤྲོ་བརྟས་ཏེ། ༧ རྒྱལ་བ་ཀརྨ་པ་སྐུ་ཡི་འཕྲེང་བ་ ༡༧ མཆོག་ལ་འཁྲུངས་སྐར་བཀྲ་ཤིས་བདེ་ལེགས་ཞུ་བའི་སྨོན་ཚིག་དང་སྦྲགས་མགོན་པོ་གང་ཉིད་སྐུ་ཚེ་རྒྱལ་བ་ཚེ་དཔག་མེད་པའི་ངོ་བོར་བརྟན་ཅིང་རླབས་ཆེན་ཐུགས་ཀྱི་བཞེད་དོན་ཐ་དག་གེགས་མེད་ཆོས་བཞིན་འགྲུབ་པའི་སྨོན་ལམ་གྲངས་ཞུ།
སྨན་པ་སྐལ་བཟང་དོན་ལྡན་ནས།
ཕྱི་ལོ། ༢༠༢༦ ཟླ། ༦ ཚེས་ ༡༦ ཟླ་ཚེས་བཟང་པོར་དགེའོ།།

